GET FREE SHIPMENT for Photobook order $40+| Use Code: HAPPYMAY
 Dismiss     Learn More
pinterest
qr
book cover

ནང་བསྟན་ཚིག་མཛོད།

by རིག་འཛིན་ཆོས་གྲགས།
20 pages    2922 reads    0 people's favorite    1 likes
fav Add as a Favorite     like Like it
 
8.5"x11" - Choice of Hardcover/Softcover - Premium Photo Book
Preview Book
Share Book    

About the Book

ཀར་ཆག

Features & Details
Created on: Jan-13-2014   Last updated:  Jan-13-2014
Format: 8.5"x11" - Choice of Hardcover/Softcover - Premium Photo Book
Theme: Yearbook    Privacy: Everyone
Preview Limit: 20 Pages
 
About Author
author icon Tsaraka
Joined: Jan-13-2014

ལ་དྭགས་དབུས་གཞུང་ནང་པའི་མཚན་ཉིད་སློབ་གྲྭར་ཀླུ་སྒྲུབ་ཚོགས་ཁང་གསར་བཞེངས་ལེགས་གྲུབ་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་ཞབས་སོར་བཀའ་དྲིན་བསྐྱངས་པའི་གནས་ཚུལ་སྙིང་བསྡུས།

ལ་དྭགས་དབུས་གཞུང་ནང་པའི་རིག་གནས་མཐོ་སློབ་ཁང་དུ་ཀླུ་སྒྲུབ་ཚོགས་ཁང་གསར་བཞེངས་ལེགས་གྲུབ་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་དྭགས་རྒྱུད་བསྟན་པའི་མངའ་བདག་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༨ ཉིན་ཞོགས་པ་ཆུ་ཚོད་ ༡༠:༣༠ ཐོག་སྒང་སྔོན་བཀྲ་ཤིས་ཆོས་རྫོང་ནས་ཕེབས་ཐོན་གྱིས་དབུས་གཞུང་ནང་པའི་རིག་གནས་མཐོ་སློབ་ཁང་གི་དགེ་སློབ་ཚང་འཛོམས་སྟར་བསྒྲིགས་ཕེབས་བསུ་ཞུས་ཏེ། ཀླུ་སྒྲུབ་ཚོགས་ཁང་ཆེན་མོ་ལྔ་མཚོན་དར་སྣའི་མདུད་ཐག་དཀྲོལ་ཏེ་སྒོ་འབྱེད་དང་། བཀྲ་ཤིས་རབ་གནས་ཀྱིས་མཐའ་རྒྱན་ཏེ་ཚོགས་ཁང་དུ་ཞབས་སོར་འཁོད།
མཛད་སྒོར་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་དབུ་བཞུགས་ཐོག བླ་སྤྲུལ་དགེ་འདུལ་དང་བཙུན་མ། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ཚོགས་ཆེན་གྱི་དབུ་འཛིན་རིག་འཛིན་དཔལ་འབར། ལ་དྭགས་དགོན་ཚོགས་དབུ་སྐྱོང༌། ལ་དགས་ནང་ཚོགས་དབུ་སྐྱོང༌། དེ་བཞིན་གཞུང་སྒེར་ཚོགས་པ་ཁག་གི་དབུ་འཛིན། གཞན་ཡང་མཐོ་སློབ་ཁང་གི་དགེ་སློབ་བདུན་བརྒྱ་ལྷག་མཛད་སྒོར་མཉམ་བཞུགས་གནང་ཅིང་བཞུགས་གྲལ་འཁོད་མཚམས། ༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་གནང༌། དེ་རྗེས་སློབ་གཉེར་བ་ཁག་གཅིག་ནས་ཤིས་བརྗོད་ཀྱིས་སྔོན་བསུས་ཏེ། མཐོ་རིམ་སློབ་གྲྭའི་ངེས་སྟོན་པས། ༧སྐྱབས་མགོན་རྡོ་རྗེ་འཆང་མཆོག་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་མཐིང་ཤོག་གསེར་བྲིས་ཅན་མཐོ་སློབ་ཁང་དུ་ལེགས་སྐྱེས་བཀའ་དྲིན་གནང་བར་མཐོ་སློབ་ཁང་གི་དགེ་སློབ་ཡོངས་ཀྱི་ཚབ་ཞུས་ཏེ་ནས་སྙིང་ཁུང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་དང་འབྲེལ་༧སྐྱབས་མགོན་མཆོག་གི་མཛད་པ་འཕྲིན་ལས་ལ་བསྔགས་བརྗོད་གནང༌། དེ་རྗེས་༧་སྐྱབས་མགོན་རྡོ་རྗེ་མཆང་ཆེན་པོ་མཆོག་ནས་རྒྱལ་བའི་བཀའ་འགྱུར་གསེར་བྲིས་མ་ལ་རབ་གནས་གནང༌། དེ་ནས་རིམ་པར་ལ་དྭགས་དགོན་ཚོགས་དབུ་སྐྱོང༌། ལ་དགས་ནང་ཚོགས་དབུ་སྐྱོང༌། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ཚོགས་ཆེན་གྱི་དབུ་འཛིན་སྐུ་ཞབས་རིག་འཛིན་དཔལ་འབར་ནས་མཐོ་སློབ་ཁང་དུ་ཚོགས་ཁང་ཆེན་པོ་གསར་བཞེངས་ལེགས་པ་གྲུབ་ལ་བཀྲ་ཤིས་བདེ་ལེགས་དང་༧་སྐྱབས་མགོན་ཡིད་བཞིན་ནོར་བུའི་མཛད་འཕྲིན་ལ་བསྔགས་བརྗོད་དང་། མཐོ་སློབ་ཁང་ལ་རྒྱལ་བའི་བཀའ་འགྱུར་གསེར་བྲིས་མ་གནང་བ་ནི། ལ་དྭགས་མི་མང་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཅེས་གཏམ་གྲུབ་མཚམས ༧སྐྱབས་མགོན་རྡོ་རྗོ་འཆང་ཆེན་པོ་མཆོག་ནས་མཐོ་སློབ་ཁང་གི་དཔེ་དེབ་ཁག་ཅིག་ཞལ་འབྱེད་གནང་བ་དང་འབྲེལ། བཀའ་སློབ་བཀའ་དྲིན་བསྩལ་དོན།

ལ་དྭགས་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་གཙོས་དགེ་སློབ་ཚང་མ་ལ་ན་ནིང་ངོས་ནས་བཀའ་འགྱུར་ཞིག་ཕུལ་བ་ཡིན། བྱེ་ཙང་དེའི་སྐོར་ལ་ཅུང་ཙམ་བཤད་རོགས་གསུངས་པ་རེད། ཡིན་ནའང་དེ་རིང་དངོས་སུ་སླེབ་དུས་དཔེ་གྲ་རྒྱས་པོ་དང་། ལྷག་པར་མགོན་པོ་ཀླུ་སྒྲུབ་ཚོགས་གསར་པ་དང་། དེ་བཞིན་ཕྱག་དཔེ་མང་པོ་སྒོ་འབྱེད་ཡག་སོགས་གྲ་སྒྲིག་ཟབ་རྒྱས་གནང་འདུག་པར་ཐུགས་རྗེ་ཆེ། དེ་རིང་འདིར་མགོན་པོ་ཀླུ་སྒྲུབ་ཀྱི་ཚོགས་ཁང་གསར་བཞེངས་ལེགས་གྲུབ་མཛད་སྒོ་ལ་འགོ་མང་ལས་བྱེད་ཡོངས་ལ་ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ་ཡག་ཡིན། དེ་ནས་དེ་རིང་འདིར་བཀའ་འགྱུར་སྐོར་ལ་ཅུང་ཙམ་ཞུས་པ་ཡིན་ན། རྩ་བའི་ཞིབ་ཕྲ་གཟིགས་འདོད་ཅན་ཚོ་དེང་སང་དྲ་རྒྱའི་ནང་ལ་གསལ་པོ་འདུག ཡིན་ནའང་དེའི་བྱུང་རིམ་ནི། རྒྱ་ནག་རྒྱལ་པོ་ཁང་ཤིའི་སྐབས་སུ་བྱུང་ཡོད་པ་རེད། ཁོ་རང་རྒྱུད་པ་སོག་པོ་ཡིན་དང་། ཁོང་དེ་དུས་ལོ་བརྒྱད་རེད་འདུག ཁོ་རང་ཚོའི་རྒྱལ་ཁང་ནང་ལ་མིང་རྒྱ་རབས་སྐབས་ལ་བོད་ཡིག་བཀའ་འགྱུར་རྙིང་པ་ཞིག་ཡོད་པ་དེ་རྩ་མེད་ཆགས་ས་རེད་བསམ་ནས་ཁོང་གི་ཨ་མ་ནང་ཆོས་དད་ཆེ་བས་མོ་རང་གིས་ཤུགས་རྒྱབ་ནས་བཟོས་པ་རེད། བཀའ་འགྱུར་དེ་རྒྱ་ནག་རྒྱལ་པོའི་ཕོ་བྲང་ལ་བཞུགས་ཡོད་སྟབས། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་རྒྱལ་ཁང་ནང་གི་ཅ་དངོས་གལ་ཆེན་ཁག་གསང་བའི་སྒོ་ནས་དྲན་དུ་ཁྱེར། དེ་རྗེས་གུང་ཀྲན་ཡོང་སྟབས་ཅང་པི་རིས་ཀྱིས་གསང་སྟབས་ཀྱིས་ཧྲང་ཧེ་ལ་ཁྱེར། ཧྲང་ཧེ་ནས་ཐེ་ཝན་ལ་ཁྱེར་བ་ཞིག་རེད་འདུག དེ་ནས་ཐེ་ཝན་འགྲེམ་སྟོན་ཁང་ལ་ནང་ཆོས་ཀྱི་ཅ་དངོས་མང་པོ་ཡོད་ཚུལ་གོ་ཐོས་བྱུང་སྟབས་འགན་འཛིན་སྙན་ཞུ་དང་འབྲེལ། རྩ་ཆེའི་དངོས་པོ་མང་པོ་ཞིག་ས་འོག་ལ་སྲུང་སྐྱོབ་བྱས་ནས་བཞག་ཡོད་པ་དང་། དེའི་ནང་ལ་མཐིང་ཤོག་ཐོག་གསེར་བྲིས་བཀའ་འགྱུར་དེ་ཡང་དེར་འདུག་པར། ངས་སྲོང་བཙན་དཔེ་མཛོད་ཁང་གི་དམིགས་ཡུལ་གཙོ་བོ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཕྱོགས་བསྡུ་བྱེད་ཡག་དང་། ཏུན་ཧོང་ཡིག་ཆ་གཙོས་པའི་ཡིག་ཆ་རྙིང་པ་འཁོ་སྒྲུབབྱེད་སའི་ལྟེ་བ་ཞིག་ཡིན་པས་པར་བཤུས་ཆོག་མཆན་སྣ་ཚོགས་ཞུས་འབྲས་ལས་བྱུང་བ་ཞིག་དང་། མ་དངུལ་ཧིན་སྒོར་འབུམ་བཞི་ཅུ་ལྷག་གནས་ཡོད་པ་རེད་བཅས་བྱུང་རིམ་གསལ་བཤད་དང་འབྲེལ། དགེ་རྒན་རྣམས་སློབ་ཕྲུག་ལ་ཤ་ཚ་མཉམ་སློབ་ཕྲུག་གི་ཤེས་ཚད་དང་བསྟུན་ནས་སློབ་ཁྲིད་བྱེད་དགོས་རྒྱུ་དང༌། སློབ་ཁྲིད་སྐབས་དགེ་རྒན་གཅིག་པུའི་བཤད་པ་ཙམ་མ་ཡིན་པ་གཙོ་བོ་སློབ་ཕྲུག་རང་གི་ངོས་ནས་དྲི་བ་དྲི་ལན་གནང་རྒྱུ་གལ་ཆེ་བའི་སྐོར་བཀའ་སློབ་རྒྱས་པ་བསྩལ། དེ་བཞིན་བཀའ་སློབ་གནང་དོན་ང་ཚོའི་དགེ་རྒན་ཁག་གཅིག་གིས་མདོ་བརྒྱུད་མང་པོའི་ལུང་རིག་དྲངས་ནས་སློབ་མའི་ཤེས་ཚད་མ་བསྟུན་པར་སོ་སོ་མཁས་པ་ངོམས་ཕྱིར་སློབ་ཁྲིད་བྱེད་མཁན་ཡོང་གི་འདུག་དེ་ནི་སློབ་ཁྲིད་བྱེད་མ་ཤེས་པ་རེད་གསུངས། དེས་ན་ང་རང་ཚོའི་ནུབ་ཕྱོགས་པའི་སློབ་ཁྲིད་བྱེད་ཚུལ་མིག་དཔེ་ལེན་དགོས་པ་གལ་ཆེན་པོ་རེད་ཅེས་བཀའ་སློབ་བསྩལ། གཞན་ཡང་མཐོ་སློབ་ཁང་གི་ཕྱི་ནང་གི་འཛུག་སྐྲུན་ལ་ཡར་རྒྱས་ཆེན་པོ་འདུག་ཅེས་བསྔགས་བརྗོད་གནང༌། དེ་བཞིན་ཕྱི་ཡར་རྒྱས་ནང་བཞིན་ནང་གི་ཤེས་རྒྱ་གོང་འཕེལ་གཏོང་དགོས་ཚུལ་དང་འཕགས་པ་ཀླུ་སྒྲུབ་ཚོགས་ཁང་དེང་དུས་ཀྱི་ཚད་དང་ལྡན་པའི་ཚོགས་ཁང་ལེགས་པར་གྲུབ་པ་ལ་ཚང་མ་ལ་བཀྲ་ཤིས་བདེ་ལེགས་བཅས་བཀའ་སློབ་བཀའ་དྲིན་རྒྱས་པ་བསྩལ། དེ་རྗེས་མཐོ་སློབ་ཁང་གི་སློབ་མ་ཁག་ཅིག་ནས་རིག་གཞུང་གི་ཞས་སྣ་ཁྲབ་སྟོན་རྒྱས་པ་གཟིགས་འབུལ་ཞུས་མཚམས་མཁས་དབང་འཇམ་དབྱངས་རྒྱལ་ཚན་ནས་ཐུགས་རྗེ་ཆེའི་གསུང་བཤད་འབྲེལ་མཛད་སྒོ་ལེགས་པར་གྲུབ།

དེ་རྗེས་ཉིན་རྒྱབ་དེ་སྔོན་ནས་ཇི་ལྟར་གསོལ་བ་བཏབ་ལྟར་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་མ་ཧཱ་བྷོ་དྷིའི་སློབ་གྲྭ་ཕེབས་ནས་ལ་དྭགས་ནང་པའི་བརྒྱུད་ཤུལ་གྱི་རྒྱལ་སྤྱིའི་དུས་སྟོན་ཐེངས་གཉིས་པ་ཟེར་བའི་མཛད་སྒོའི་ཐོག་དགེ་སློབ་ཡོངས་ལ་བླང་དོར་བཀའ་སློབ་དང་། སློབ་གྲྭའི་ཕྱི་ནང་དང་རྒས་གསོ་ཁང་དེ་བཞིན་སྒྲུབ་ཁང་སོགས་ལ་གཟིགས་སྐོར་དང་། ཁྲུས་གསོལ་རབ་གནས་བཀའ་དྲིན་བསྐྱངས།

དེ་བཞིན་སྤྱི་ཚེས་ ༩ ཉིན་སྟ་རུའི་འགོ་པ་དང་། དད་ལྡན་མང་ཚོགས་ཡོངས་རེ་སྨོན་ལྟར་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་ཞོགས་པ་ཆུ་ཚོད་ ༨:༠༠ ཐོག སྒང་སྔོན་བཀྲ་ཤིས་ཆོས་ནས་ཐེབས་ཐོན་གནང་ནས། མ་གཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་དང་། འབྲི་གུང་བཀའ་བརྒྱུད་དགོན་པ་གསར་བཞེངས་གནང་བཞིན་པ་ལ་ཁྲུལ་གསོལ་རབ་གནས་བཀའ་དྲིན་བསྐྱངས་ནས་མཛད་རིམ་ལེགས་པར་གྲུབ་པའི་གནས་ཚུལ་སྙིང་བསྡུས་ས་ལ་དྭགས་ནས་དཀོན་མཆོག་ཀརྨས།

Messages from the author:
 
Reader's Comments     Log in or create an account to add comment for the book.







book_profile